Dear friends,
We are delighted to announce that the 8th International Seminar of Young Tibetologists (ISYT) will take place at Korea University in Seoul, South Korea, from 19 to 23 July 2027. ISYT provides a platform for early-career researchers and postgraduate students to gather and share original research across Tibetan studies, including anthropology, culture, economics, politics, history, philosophy, and religion.
The official Call for Papers will be announced shortly. Please stay tuned.
We also welcome undergraduate students to present posters, as well as filmmakers, artists, booksellers, and others who wish to share their work and engagement with Tibetan and Himalayan cultures.
If you have any questions, please contact us at isyt2027koreauniversity@gmail.com.
We look forward to welcoming you to Korea University in the summer of 2027!
The 8th ISYT Convenors
Seongmin, Anju, Seungjong, Shawo and Youjung
གྲོགས་པོ་ཚོ༎
ངེད་ཚོས་དགའ་སྤྲོའི་ངང་དུ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་བརྒྱད་པ། སྤྱི་ལོ ༢༠༢༧ ལོའི་ཟླ་བ་བདུན་པའི་ཚེས་ ༡༩ ནས་ ༢༣ བར་དུ། ལྷོ་ཀོ་རི་ཡའི་རྒྱལ་ས་སོ་འོལ་ན་ཡོད་པའི་ཀོ་རི་ཡ་སློབ་གྲྭ་ཆེན་མོར་འཚོགས་གཏན་ཁེལ་བའི་གསལ་བསྒྲགས་ཞུ་བཞིན་ཡོད། གྲོས་ཚོགས་འདིའི་དམིགས་ཡུལ་ནི་བོད་རིག་པའི་ཁྱབ་ཁོངས་དང་འབྲེལ་བའི་མི་རྒྱུད་རིག་པ་དང་། རིག་གཞུང་། དཔལ་འབྱོར། ཆབ་སྲིད། ལོ་རྒྱུས། ལྟ་གྲུབ། ཆོས་ལུགས་སོགས་བརྗོད་གཞི་སྣ་ཚོགས་པའི་སྐོར་ལ། ཞིབ་འཇུག་ལས་རིགས་ལ་གསར་དུ་འཇུག་བཞིན་པ་དང་། འབུམ་རམས་པའི་སློབ་མ་ཚོ་མཉམ་གཅིག་ཏུ་འཛོམས་ནས་ཕན་ཚུན་གྱི་ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དེ་ཡིན།
མི་འགྱང་བར་གཞུང་འབྲེལ་རྩོམ་ཡིག་བསྡུ་བའི་བརྡ་ཐོ་ཕྱིར་བསྒྲག་བྱེད་བཞིན་ཡོད་པས་མ་བསྙེལ་བ་གནང་རོགས།
གྲོས་ཚོགས་འདིར་ངེད་ཚོས་མཐོ་རིམ་སློབ་ཕྲུག་ཚོར་འགྲེམ་སྟོན་འདྲ་མིན་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ལ། དེ་བཞིན་གློག་བརྙན་བཟོ་སྐྲུན་མཁན་དང་། སྒྱུ་རྩལ་པ། དེབ་ཚོང་མཁན་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་མང་བོར། བོད་དང་ཧི་མ་ལ་ཡའི་རིག་གནས་དང་འབྲེལ་བའི་ལས་འགུལ་འདྲ་མིན་སྤེལ་པར་སྐུལ་འདེད་ཀྱང་བྱེད་བཞིན་ཡོད།
གལ་སྲིད་སྐུ་ཉིད་ལ་དོགས་འདྲི་ཡོད་ན། འཛེམས་ཟོན་མེད་པར་གཤམ་གྱི་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས།
isyt2027koreauniversity@gmail.com
ངེད་ཚོས་སྐུ་ཉིད་ཕྱི་ལོ ༢༠༢༧ལོའི་དབྱར་ཁར། ཀོ་རི་ཡ་སློབ་ཆེན་དུ་ཕེབས་ཐུབ་པར་རེ་སྒྲུག་བྱེད་བཞིན་ཡོད།
གྲོས་ཚོགས་གོ་སྒྲིག་བྱེད་མཁན།
འཇིགས་མེད་སེང་གེ རིག་འཛིན་དབང་མོ། སྲོང་ལྗོངས། ཤ་བོ་མཆོད་རྟེན། གཡུ་ལྗོངས།