We would like to inform you about various accommodation options. All meals and session take place at Wolfson College, Oxford, which is located just north of the historic city centre.
ངེད་ཚོས་སྐུ་ཉིད་འདིར་ཕེབས་སྐབས་ཀྱི་སྡོད་གནས་དང་འབྲེལ་ནས་གསལ་བཤད་བྱེད་རྒྱུར། ཉིན་རེའི་ཚོགས་འདུ་དང་ཞལ་ལག་ཡོངས་རྫོགས་བོས་སྤུསན་སློབ་གླིང་(Wolfson)དུ་བཀོད་སྒྲིག་བྱས་ཡོད་ལ། སློབ་གླིང་དེ་ཨོགསུ་སྤོར་སློབ་ཆེན་གྱི་བྱང་ཕྱོགས་སུ་གནས་ཡོད། ས་གནས་རྒྱས་པ་དྲ་ཐོག་ནས་གཟིགས་རོགས།
There are numerous accommodation options on site which you can book for around £70 per night.
Please use the following link: https://www.speedybooker.com/book/rooms.aspx?v=wolfsonoxford&brand=wl&partnerid=203&lang=en.
Note: You will need to enter the promotional code “INTTIB24” beforehand to unlock the dates.
སློབ་གླིང་རང་གི་ནང་་དུ་སྡོད་ཁང་མང་བོ་གླ་རྒྱུ་ཡོད་ལ། ཆ་སྙོམས་ཉིན་རེའི་ཁང་གླ་ཨིན་སྒོར་༧༠ ཡས་མས་ཡིན། དྲ་ཐག་འདི་བརྒྱུད་ནས་སློབ་གླིང་རང་གི་ཁང་པ་གླ་རོགས། ཁང་ལ་གླ་ཚེ་རྟགས་འདི་(INTTIB24)ཕུལ་ན་གོང་ཁེ་བོ་བྱེད་ངེས་ཡིན།
We have also reserved more rooms for you in the adjacent Lady Margaret Hall College. Please find a comprehensive ‘how-to-book’ manual here.
1. There is also the easyHotel Oxford within walking distance of the College (https://www.easyhotel.com/hotels/united-kingdom/oxford/oxford) as well as numerous B&B deals (https://bedbreakfast-oxford.com/) or Airbnbs. Booking.com is another search engine that usually provides good results.
དེ་བཞིན་སློབ་གླིང་རང་མ་ཡིན་པའི་ཉེ་འཁོར་དུ་སྡོད་ཁང་ཡང་མང་པོ་གླ་རྒྱུ་ཡོད། སྡོད་ཁང་འཚོལ་སྐབས་སློབ་གྲྭ་དང་ཐག་ཉེ་ས་ཞིག་ཏུ་གླས་ན་འགྲིམ་འགྲུལ་སྟབས་བདེ་བོ་ཡོད། གཤམ་གྱི་དྲ་ཐག་འདི་དག་བརྒྱུད་ནས་སྡོད་ཁང་ལ་གཟིགས་རོགས།
2. If you are interested in more lavish accommodation, we recommend the Randolph Hotel (https://graduatehotels.com/oxford-uk).
གལ་སྲིད་སྐུ་ཉིད་ལ་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གླ་འདོད་ཡོད་ཚེ། ཁོར་ཡུག་འདིའི་མགྲོན་ཁང་གྲགས་ཆེ་ཤོས་འདི་ཡིན། (https://graduatehotels.com/oxford-uk)
We are still in the process of securing funding to enable as many participants as possible who are in financial need or do not receive institutional support to attend the conference. However, we will not know exactly how much money we will receive until the spring. So, at this stage, we are unable to provide any guarantees for your funding. For this reason, we have compiled a small list of alternatives below:
ངེད་ཚོས་ད་དུང་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་གང་མང་ཚོགས་ཞུགས་ཐུབ་པའི་ཆེད་དུ། ཚོགས་འདུ་དང་འབྲེལ་བའི་དཔལ་འབྱོར་གྱི་རྒྱབ་སྐྱོར་འཚོལ་བཞིན་ཡོད་མོད། དཔྱིད་ཀ་མ་ཤར་བར་དུ་ངེད་ཚོར་རྒྱབ་སྐྱོར་ག་ཚོད་ཅིག་ཐོབ་མིན་ཞུ་ཚོད་མི་ཐིག་པས། ད་ལྟའི་དུས་འདིར་ཁྱེད་ཅག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་ཐུབ་པའི་ཁས་ལེན་གང་ཡང་བྱེད་མི་ཐུབ། རྒྱུ་མཚན་དེར་བརྟེན། ངེད་ཚོས་སོ་སོ་རང་ཉིད་ཀྱིས་བསྒྲུབ་དགོས་པའི་དཔལ་འབྱོར་གྱི་རྒྱབ་གཉེར་འཚོལ་ཐབས་ཁ་ཤས་ངོ་སྤྲོད་ཞུ་རྒྱུ་ཡིན།
The Central Tibetan Administration’s Department of Education and Tibet Policy Institute offer various programs. Please contact them and inquire about travel grants or similar opportunities. The same applies to the Dalai Lama Institute and the Central Institute of Higher Tibetan Studies.
རྒྱ་གར་ནས་ཕེབས་མཁན་ཚོར། ནམ་རྒྱུན་ཤེས་རིག་གམ་ནང་སྲིད་ལས་ཁུངས། སྲིད་བྱུས་ཉམས་ཞིབ་ཁང་སོགས་བརྒྱུད་ནས་འཚོགས་འདུ་འདི་རིགས་ཀྱི་ཆེད་དུ་རྒྱབ་སྐྱོར་གནང་བཞིན་ཡོད་པས། སོ་སོ་སྒེར་ནས་བཀའ་འདྲི་དང་རྩད་གཅོད་གནང་རོགས། དེ་བཞིན་ཏཱ་ལའི་བླ་མའི་མཐོ་སློབ་དང་ཝར་ན་མཐོ་སློབ་ན་ཡིན་ཚེ། སློབ་གྲྭ་སོ་སོས་རྒྱབ་གཉེར་གནང་དགོས་ངེས་ཡིན་པས་སྒྲིག་འཛུགས་སོ་སོར་འབོད་སྐུལ་ཞུ་རོགས།
In addition, the Council of Scientific & Industrial Research (CSIR) offers travel grants for deserving young Indian researchers to attend conferences abroad (https://www.csirhrdg.res.in/Home/Index/1/Default/2766/12)
དེ་བཞིན་རྒྱ་གར་གཞུང་དང་འབྲེལ་བའི་ཚོགས་སྡེ། ཚན་རིག་དང་བཟོ་ལས་ཀྱི་སྡེ་ཁག་འདི་ནས་ཀྱང་། རྒྱ་གར་དུ་གནས་བཞུགས་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་དཔལ་འབྱོར་གྱི་རྒྱབ་གཉེར་ཞུ་ཆོག། དྲ་ཐག (https://www.csirhrdg.res.in/Home/Index/1/Default/2766/12)
The China Scholarship Council (CSC) offers travel grants for international conferences as part of educational exchange and collaboration (https://www.csc.edu.cn)
རྒྱ་ནང་གཞུང་འབྲེལ་སློབ་ཡོན་ཚན་པས་ཚོགས་འདུ་རིགས་དང་འབྲེལ་བའི་རྒྱབ་གཉེར་གནང་བཞིན་ཡོད། རྒྱ་ནག་གི་མི་སེར་ཡིན་མཁན་ཚང་མས་སྙན་ཞུ་འབུལ་ཆོག དྲ་ཐག (https://www.csc.edu.cn)
The British Association for Chinese Studies supports scholars based in China (in any discipline in the arts, sciences, or social sciences) who wish to undertake research in the UK with a focus on China (https://bacsuk.org.uk/uccl-travel-and-study-grants)
ཨིན་ཡུལ་གྱི་རྒྱ་ནག་ཞིབ་འཇུག་དང་འབྲེལ་བའི་ཚོགས་པ་འདིས་ཀྱང་། རྒྱ་ནག་དང་བོད་ནས་ཕེབས་མཁན་ཚོར། འགྲིམ་འགྲུལ་གྱི་རྒྱབ་སྐྱོར་གནང་བཞིན་འདུག དྲ་ཐག (https://bacsuk.org.uk/uccl-travel-and-study-grants)
Closer to the conference we will ask you to revise your abstract (if necessary) and you can also edit your title. We will send you a reminder soon!
ཚོགས་འདུ་འཚོགས་ལ་ཉེ་སྐབས་ངེད་ཚོས་སོ་སོའི་རྩོམ་ཡིག་གནད་བསྡུས་ལ་བསྐྱར་ཞུས་(གལ་སྲིད་དགོས་ངེས་ཡིན་ན།)བྱེད་པའི་དྲན་སྐུལ་བྱེད་ངེས་ཡིན། སྐབས་དེར་སོ་སོའི་རྩོམ་ཡིག་གནད་བསྡུས་དང་རྩོམ་ཡིག་ཁ་བྱང་བཅས་ལ་བསྐྱར་དུ་རྩོམ་སྒྲིག་བྱེད་ཆོག དྲན་སྐུལ་གག་མགྱོགས་གཏོང་ངེས་ཡིན།
There are numerous ways to get to Oxford. We have listed the most popular ones for you here:
ཨོགསུ་སྤོར་སློབ་ཆེན་དུ་ཕེབས་ལམ་འདྲ་མིན་ཧ་ཅང་མང་བོ་ཡོད། ངེད་ཚོས་འདིར་ཡོངས་གྲགས་ཁ་ཤས་ཁྱེད་ལ་ངོ་སྤྲོད་བྱས་ཆོག
International flights usually arrive at London Heathrow Airport (LHR), from where you can take a bus every 20 minutes to Oxford city centre operated by ‘The Airline – Oxford Bus Company’ (https://www.theairlineoxford.co.uk/).
རྒྱལ་སྤྱིའི་གནམ་གྲུ་ཁག་སྤྱིར་བཏང་ལུན་གྲོན་གྱི་ཧེས་ཐུ་རོ་གནམ་དུ་སླེབས་བཞིན་ཡོད། གནམ་ཐང་དེ་ནས་སྐར་མ་ཉི་ཤུ་རེའི་མཚམས་སུ། ཨོགསུ་སྤོར་འགྲོ་མཁན་གྱི་སྤྱི་སྤྱོད་རླངས་འཁོར་ཡོད། དེ་ནི་ཨོགསུ་སྤོར་རླངས་འཁོར་ཚོང་ཁང་གིས་དོ་དམ་བྱེད་བཞིན་ཡོད། དྲ་ཐག་འདི་ནས་གནས་ཚུལ་རྒྱས་པར་གཟིགས།
If you are arriving to London City (LCY) or Stansted (STN), we recommend that you take public transport to Victoria Coach Station and then take the Oxford Tube (https://www.oxfordtube.com/) from there.
གལ་སྲིད་སྐུ་ཉིད་ལུན་གྲོན་གྲོང་ཁྱེར་གྱི་གནམ་ཐང་ངམ། སུ་གྲན་སུ་གྲེ་གནམ་ཐང་གང་རུང་ལ་བསླེབས་པ་ཡིན་ན། ཁྱེད་ཀྱིས་ཐོག་མར་སྤྱི་སྤྱོད་འགྲུམ་ལམ་གང་རུང་བརྒྱུད་ནས་བུག་ཁྲོ་རིས་ཡ་ཞེས་པའི་རླངས་འཁོར་འབབ་ཚུགས་སུ་འབྱོར་བ་བྱེད་རོགས། དེ་རུ་ཐད་ཀར་ཨོགསུ་སྤོར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཡོད།
If your final flight lands at Gatwick Airport, you can find direct buses to Oxford departing every hour from just outside the terminal, operated by several bus companies. (https://uk.megabus.com/city-guides/oxford)
གལ་སྲིད་ཁྱེད་གནམ་གྲུའི་འབབ་ཚུགས་ཐ་མ་དེ་སྒེཀྲི་བུགུ་གནམ་ཐང་ཡིན་ན། གནམ་ཐང་གི་ཕྱི་རོལ་དེ་ག་རང་དུ། ཆུ་ཚོད་རེ་རེའི་ནང་དུ་ཐད་ཀར་ཨོགསུ་སྤོར་འགྲོ་བའི་སྤྱི་སྤྱོད་རླངས་ཡོད། དྲ་ཐག་འདི་ནས་གཟིགས་རོགས།
We may be able to reimburse you for these transfer costs if funds are available. So make sure you keep your tickets!
གལ་སྲིད་ངེད་ཚོར་འདང་ངེས་ཀྱི་དཔལ་འབྱོར་རྒྱབ་སྐྱོར་ཐོབ་པ་ཡིན། ཚོགས་ཞུགས་མཁན་ཚོར་གནམ་ཐང་ནས་སློབ་གླིང་བར་གྱི་འགྲུལ་གླ་འབུལ་ངེས་ཡིན་པས། སྐུ་ཉིད་ཀྱི་རླངས་འཁོར་དང་མེ་འཁོར་གྱི་བྱུང་འཛིན་ཉར་ཚགས་བྱེད་གནང་རོགས།
Websites such as Skyscanner (https://www.skyscanner.com/) or Kayak (https://www.kayak.com/flights) offer a great selection of cheap flights.
However, we also have an exclusive deal with Skyteam Global Events which gives you a 15-25% discount on your booking. Just follow https://res.skyteam.com/Search/promoDefault.aspx?vendor=sky&promocode=4740S
གནམ་གྲུའི་འཛིན་བྱང་ཉོ་སའི་དྲ་ཚིགས་གྲགས་ཅན་ཁག་ནི། གནམ་ཁ་པར་འདེབས་(https://www.skyscanner.com/) ཅེས་པ་དང་། ཡང་ན་ཁ་ཡག་(https://www.kayak.com/flights) ཞེས་པའི་དྲ་ཚིགས་འདི་གཉིས་ཡིན་ལ། དེ་རུ་ཁྱེད་ཀྱིས་རིན་གོང་ཁེ་བའི་འཛིན་བྱང་ཉོ་ཐུབ། ལྷག་པར་དུ། གལ་སྲིད་ཁྱེད་ཀྱི་གཤམ་གྱི་དྲ་ཚིགས་འདི་ནས་འཛིན་བྱང་གཟིགས་ན(https://res.skyteam.com/Search/promoDefault.aspx?vendor=sky&promocode=4740S)། ཁྱེད་ཀྱིས་བརྒྱ་ཆ་༡༥་ནས་ཉེར་ལྔ་བར་གྱི་ཆག་ཡང་ཡོད་པའི་འཛིན་བྱང་ཉོ་ཐུབ།
The Eurostar runs daily to London St Pancras from Brussels or Paris, offering travellers from Europe an alternative to flying and can be booked 6 months in advance. From St Pancras, take public transport to Victoria Coach Station and then take the Oxford Tube (https://www.oxfordtube.com/) from there.
རྒྱལ་སྤྱིའི་མེ་འཁོར་ཡུ་རོབ་སུགྲར་(Eurostar)ཞེས་པ་དེ། ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་དང་ཧྥ་རན་སི་སོགས་བརྒྱུད་ནས་ཉིན་ལྟར་ཨིན་ཡུལ་ལུན་གྲོན་ལ་འབྱོར་བཞིན་ཡོད། དེ་བཞིན་ཡུ་རོབ་ནས་ཨིན་ཡུལ་ལ་གནམ་གྲུའི་འཛིན་བྱང་ཡང་ཟླ་བ་དྲུག་གི་སྔོན་ཚུད་ནས་ཉོ་ཐུབ། ལུན་གྲོན་གྱི་མེ་འཁོར་འབབ་ཚུགས་སགྲི་པན་ཁུརོ་སུ(St Pancras)་ལ་བསླེབས་རྗེས། བུག་ཁྲོ་རིས་ཡ་ཞེས་པའི་རླངས་འཁོར་འབབ་ཚུགས་སུ་ཕེབས་རོགས། དེ་རུ་ཐད་ཀར་ཨོགསུ་སྤོར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཡོད། དྲ་ཚིགས་འདི་ལ་གཟིགས་རོགས།